ཆོས་ཚོགས་ཀྱི་འཐུས་མི།

མཁན་པོ་ཉི་མ་ཤར།

བླམ།

བསོད་ནམས་ལེགས་སྐྱིད་རྡོ་རྗེ།

ཁྲི་འཛིན།

བསོད་ནམས་དབང་ཕྱུག།

དངུལ་རྩིས་འགོ་དཔོན།/ཁྲི་འཛིན་འོག་མ། 

བཀྲ་ཤིས་འོད་ཟེར།

མི་སྡེ་མཐུན་འབྲེལ་དང་ཆོས་ཕྱོགས་ཀྱི་འགོ་འདྲེན་པ།

པདྨ་རྟ་མགོ།

མི་སྡེ་བརྒྱུད་འབྲེལ་གི་འགོ་འདྲེན་པ། 

པདྨ་རྣམ་རྒྱལ།

ནང་འཁོད་ལས་དོན་འགོ་འདྲེན་པ།

དཀོན་མཆོག་རྡོ་རྗེ།

མི་སྡེ་ལམ་སྲོལ་དང་ཆོས་ཕྱོགས་འགོ་འདྲེན་པ།

མཚོ་སྐྱིད་ལྷ་མོ།

མ་དངུལ་བསྡུ་བླངས་པ་དང་ལས་རིམ་འགོ་འདྲེན་པ།

མཁན་པོ་ཉི་མ་ཤར།

ཆོས་ཚོགས་ཀྱི་བླམ།

༉ ཨ་མེ་རི་ཀ་དཔལ་ལྡན་འབྲུག་པའི་ཆོས་ཚོགས་ནང་གི་བླམ་འགོ་དང་པ་ཨིན་མི་ མཁན་པོ་ཉི་མ་ཤར་མཆོག་འཁྲུངས་ཡུལ་དབང་འདུས་རྫོང་ཁག་ ཤར་ཕང་ཡུལ་ལས་ཨིནམ་དང་ སྐུ་ན་ཆུང་ཀུ་བསྒངལས་གཞུང་གྲྭ་ཚང་ནང་འཛུལ་ཞུགས་གནང་སྟེ་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་ལས་ གཞི་རིམ་གྱི་འཛིན་གྲྭ་མཐར་འཁྱོལ་ཞིང་ སྤྱི་ལོ་ ༢༠༠༡ ལུ་རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ནང་ལས་ རིག་གཞུང་སློབ་དཔོན་འཛིན་གྲྭ་མཐར་འཁྱོལ་གྱི་ཕྱག་འཁྱེར་ཡང་བཞེས་པའི་ཁར་ ལྕགས་རི་རྡོ་རྗེ་གདན་ལུ་སྦེ་ ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ཡང་གནང་ཡོདཔ་ཨིན། དེའི་ཤུལ་ ལས་ རྟ་མགོ་མཐོ་རིམ་སློབ་གྲྭ་གི་སྐྱོར་དཔོན་དང་ སློབ་དཔོན་གོང་མའི་གོ་གནས་ཁར་ཕྱག་ཞུ་བཞིན་པར་ སྤྱི་ལོ་༢༠༡༢ ལས་ ༢༠༡༥ ཚུན་ བསེ་ལ་བཤད་གྲྭའི་ དབུ་འཛིན་འབད་ཕྱག་ཞུ་ནུག། 

སྤྱི་ལོ་༢༠༡༦ ལས་རྡོར་གདན་ནང་པའི་གཙུག་ལག་སློབ་གྲྭའི་ ཞིབ་འཚོལ་གཙོ་འཛིན་དང་ སྤྱི་འཛིན་འོག་མའི་གོ་གནས་ཁར་བཞུགས་པའི་ཤུལ་ ལུ་ ༢༠༢༢ ལས་མ་ཨེ་རི་ཀ་ནིའུ་ཡོག་ལུ་ ཨིང་ལིཤ་གི་ ཤེས་ཡོན་སྦྱངས་པའི་བསྒང་རང་ཡོད། གཞན་ཡང་མཁན་པོ་མཆོག་གིས་ ནང་ ཆོས་དང་འབྲེལ་བའི་ ཀི་དེབ་མང་རབས་ཅིག་ཡང་བརྩམས་བསྒྲིགས་གནང་ཡོདཔ་མ་ཚད་ འབྲུག་ནང་འཁོད་མཐོ་རིམ་དང་གཙུག་ལག་སློབ་གྲྭ་ གཙུག་སྡེ་ཚུ་ནང་ལུ་ཡང་ ནང་ཆོས་དང་འབྲེལ་བའི་ཤེས་ཡོན་དང་རིག་རྩལ་ཚུ་སྤེལ་གནང་བའི་ཁར་ མི་སྡེ་ནང་ ལུས་སེམས་ལུ་ཕན་ཐོགས་ཅན་ གྱི་ཡོ་གའི་སྦྱོང་བ་ཚུ་ཡང་དུས་དང་བསྟུན་པའི་སློབ་སྟོན་འབདཝ་ཨིན།

བསོད་ནམས་ལེགས་སྐྱིད་རྡོ་རྗེ།

ཁྲི་འཛིན།
༉ དཔལ་ལྡན་འབྲུག་པའི་ཆོས་ཚོགས་ཀྱི་ཁྲི་འཛིན་དང་པ་བསོད་ནམས་ལེགས་སྐྱིད་རྡོ་རྗེ་འདི་ སྐྱེས་ས་དང་སྦོམ་ས་འབྲུག་ལུ་ ཨིནམ་དང་ གཙུག་ལག་གཞི་རིམ་གྱི་ཤེས་ཡོན་སྦྱང་ནིའི་དོན་ལུ་ ཨེ་མེ་རི་ཀ་ལུ་འོང་ཞིནམ་ན་ འཕྲུལ་རིག་དང་གཟོ་རིག་ དཔལ་འབྱོར་རིག་པ་ཚུ་ནང་ Massachusetts Institute of Technology ལས་མཐར་བའི་ཤུལ་ལུ་ གཙུག་ ལག་གོང་མ་ ཚོང་རིག་དང་བདག་སྐྱོང་གི་ཤེས་ཡོན་དེ་ Wharton School of Business at UPENN in Philadelphia, PA. ལས་མཐར་འཁྱོལ་ནུག། མོ་ལུ་ལས་སྡེ་སོ་སོར་ཚུ་ནང་ རྩིས་དང་འབྲེལ་བའི་ཕྱག་ལཱ་གནང་སྟེ་ ལོ་ངོ་༡༨ ལྷགཔ་ཅིག་གི་ཉམས་མྱོང་དང་ཁྱད་རིག་ཡོད་པའི་ཁར་ ད་རེས་ནངས་པ་འབད་བ་ཅིན་ AllianceBernstein, ལས་སྡེ་ནང་ ཁྱབ་ཁོངས་གན་དབང་གི་འཛིན་སྐྱོང་པ་འབད་ཕྱག་ཞུ་དོ་ཡོདཔ་ཨིན། མོ་རང་ཨ་མེ་རི་ཀ་ནིའུ་ཡོག་ལུ་བཟའ་ཚང་དང་ཅིག་ཁར་སྡོདཔ་ཨིནམ་དང་ ལྷག་བསམ་དང་ཤེས་ཡོན་ འཇོན་ཐངས་ཅན་ ཅིག་ཡང་ཨིནམ་ལས་ དཔལ་ལྡན་འབྲུག་པའི་ཆོས་ཚོགས་འདི་ནང་ ཁྲི་འཛིན་གྱི་ཕྱག་འགན་བསྣམས་ཐོག་ བསྟན་པ་དང་ སེམས་ཅན་སྤྱི་དང་ དམིགས་བསལ་འབྲུག་པའི་མི་སྡེ་ལུ་ཕན་ཐོགས་ཅན་གྱི་ཕྱག་ལཱ་ཚུ་གནང་སྟེ་ཡོད།

བསོད་ནམས་དབང་ཕྱུག།

དངུལ་རྩིས་འགོ་དཔོན།/ཁྲི་འཛིན་འོག་མ།
༉ དཔལ་ལྡན་འབྲུག་པའི་ཆོས་ཚོགས་ཀྱི་ ཁྲི་འཛིན་འོག་མ་བསོད་ནམས་དབང་ཕྱུག་འདི་ ཨ་མེ་རི་ཀ་ལུ་ ལོ་ངོ་ ༢༠ ལྷགཔ་ཅིག་གི་རིང་ Evernorth/Cignaནང་ ལས་མགུལ་གྲོས་སྟོན་གོང་མ་དང་ Wells Fargo Bank, JP Morgan Chase, Merck ལ་སོགས་པ་ཚུ་ནང་དངུལ་རྩིས་འཛིན་ སྐྱོང་ འཆར་གཞི་ བཟོ་བཀོད་པའི་ཕྱག་འགན་བཞེས་ཡོད་པའི་ཁར་ དམིགས་བསལ་ ཚོང་རིག་དང་ འཕྲུལ་རིག་ནང་ཉམས་མྱོང་ཡོདཔ་ལས་ ད་རེས་དཔལ་ལྡན་འབྲུག་པའི་ཆོས་ཚོགས་ནང་ལུ་ཡང་ ཁོ་གི་ འགན་ཁུར་ངོ་མ་འདི་ དངུལ་འཛིན་པ་ཨིན། ཁོ་གིས་ གཙུག་ལག་གཞི་རིམ་ཤེས་ཡོན་གྱི་ ཆོས་ཚན་གཙོ་བོ་ དངུལ་རྩིས་ འཛིན་སྐྱོང་ རྒྱལ་སྤྱི་ཚོང་ རིག་ ཚོང་འབྲེལ་ཚུ་ནང་ Regis University, Denver, Colorado ལས་སྦྱངས་ཡོདཔ་ དང་། གཙུག་ལག་གོང་མའི་ཤེས་ཡོན་ནང་ གློག་རིག་བརྡ་དོན་འཕྲུལ་རིག་རིམ་ལུགས་ཚུ་ University of Texas ལས་མཐར་འཁྱོལ་ནུག། ཁོ་གི་སྤྲོ་བ་དང་ཉམས་མྱོང་རིག་རྩལ་ཚུ་ དཔལ་ལྡན་འབྲུག་པའི་ཆོས་ཚོགས་ཀྱི་དམིགས་ཡུལ་དང་མཐུནམ་ ལས་ ད་རེས་ཁོ་གིས་ཨ་མེ་རི་ཀ་དཔལ་ལྡན་འབྲུག་པའི་ཆོས་ཚོགས་ནང་ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཕྱག་ཞུ་ཡི་བསྒང་རང་ཡོདཔ་ཨིན།

བཀྲ་ཤིས་འོད་ཟེར།

མི་སྡེ་མཐུན་འབྲེལ་དང་ཆོས་ཕྱོགས་ཀྱི་འགོ་འདྲེན་པ།
༉ བཀྲ་ཤིས་འོད་ཟེར་འདི་ དབང་འདུས་ཆ་འོག་ཤར་སྦེ་ནག་ལས་ཨིནམ་དང་ ལོ་ན་ཆུང་ཀུ་བསྒང་ལས་གཞུང་གྲྭ་ཚང་ནང་ འཛུལ་ཞུགས་འབད་དེ་བདེ་ཆེན་ཕོ་བྲང་སློབ་གྲྭ་དང་ སྤུངས་ཐིམ་གཞུང་གྲྭ་ཚང་ནང་ལས་གར་ཐིག་དབྱངས་གསུམ་མཐར་ཕྱིན་ གནང་བའི་ཁར་ དགེ་སློང་ནང་ལས་དགོངསམ་ཞུས་ཏེ ཐིམ་ཕུ་ཁྲོམ་ཁ་ལུ་ཚོང་ལཱ་འབད་དེ་སྡོད་ནུག། དེ་ལས་ སྤྱི་ལོ་ ༢༠༠༡ ལུ་མི་ཚེ་གི་འདུན་ལམ་གསརཔ་འཚོལ་ཏེ་ ཨ་མེ་རི་ཀ་ལུ་འོང་ཞིནམ་ལས་མི་ཚེ་རང་མགོ་རང་འདྲོང་སྦེ་སྡོད་པའི་བར་ ན་ དཔལ་ལྡན་འབྲུག་པའི་ཆོས་ཚོགས་གཞི་བཙུགས་གནང་བའི་སྐབས་སུ བཀྲ་ཤིས་འོད་ཟེར་གྱིས་ཁོ་རང་གི་ཉམས་མྱོང་དང་ འཁྲིལ་ཆོས་ཚོགས་དེ་ནང་ མི་སྡེ་མཐུན་འབྲེལ་དང་ཆོས་ཕྱོགས་དང་འབྲེལ་བའི་ལཱ་ཚུ་ ལྟག་བསམ་རྣམ་དག་གི་ཐོག་ལས་ ཕྱག་ཞུ་ཡི་བསྒང་རང་ཡོད།

པདྨ་རྟ་མགོ།

མི་སྡེ་བརྒྱུད་འབྲེལ་གི་འགོ་འདྲེན་པ།

པདྨ་རྟ་མགོ་འདི་འབྲུག་ཤར་ཕྱོགས་ལྷུན་རྩེ་རྫོང་ཁག་སྒང་ཟུར་རྒེད་འོག་ གཡུས་གནས་པདྨ་ཆོས་གླིང་ལས་ཨིནམ་དང་། ཆུང་ཀུ་བསྒང་ལས་ལྷུན་རྩེ་རབ་སྡེ་གྲྭ་ཚང་ནང་དགེ་སློང་ནང་འཛུལ་ཞུགས་འབད་དེ    སྤྱི་ལོ་༡༩༩༠ ལས་༡༩༩༤ ཚུན་མོང་སྒར་སྔ་ཚང་བཤད་གྲྭ་དང་།    སྤྱི་ལོ་༡༩༩༥ ལས་༡༩༩༧ ཚུན་ཐིམ་ཕུག་མདོ་སྡེ་བྲག་བཤད་གྲྭ་ནང་ཕྱག་དཔེ་གཟིགས་པའི་ཤུལ་ལུ་།   སྤྱི་ལོ་ ༡༩༩༨ ལས་༢༠༠༢ ཚུན་རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ཚུ་ནང་  གཞུང་རིག་གནས་དང་བཅས་ཐོས་བསམ་ལུ་སྦྱང་རྩོན་མཐིལ་་ཕྱིན་འབད་དེ་ མཐོ་རིམ་གོང་མའི་ཤེས་ཚད་མཐར་འཁྱོལ་ནུག།

སྤྱི་ལོ་༢༠༠༢ ལུ་ཨ་མི་རི་ཀ་ལུ་བྱོན་ཞིནམ་ལས་དེང་རབས་ཀྱི་ཤེས་ཡོན་གཞི་རིམ་ལས་གོ་གཙུགས་ཏེ་   བཱལ་ཊི་མོར་སི་ཊི་མཐོ་རིམ་སློབ་གྲྭ་ནང་ལས་སྤྱིར བཏང་ཚན་རིག་གི་ཤེས་ཡོན་ནང་ལུ་ མཐོ་རིམ་འོག་མའི་ཤེས་ཚད་མཐར་འཁྱོལ་ཡོདཔ་དང་།  གསོ་བའི་འཕྲོད་བསྟེན་གྱི་བདག་སྐྱོང་ནང་ལུ་  གཙུག་ལག་མཐོ་རིམ་ཤེས་ཡོན་འདི་   གསོ་སྦྱོར་ནར་ཌོག་ལེསི་གཙུག་ལག་སློབ་གྲྭའི་ནང་ལས་མཐར་འཁྱོལ་ནུག།

ལཱ་གྱི་ཉམས་མྱོང་འབད་བ་ཅིན་   པདྨ་ཁོ་རའི་སྦྱངས་ཡོད་པའི་ཁྱད་ཡོན་ཚུ་སྣ་མང་དང་དོན་སྨིན་ཅིག་སྦེ་འགྱོ་ཞིམ་ལས་  ཁོ་གིས་ དང་པ་རང་  བཱལ་ཊི་མོར་ཁྲོམ་སྡེའི་གླིང་ཀ་སྐྱེད་མོས་ཚལ་གྱི་་ཁྲིམས་སྲུང་འགོ་དཔོན་འབད་ཕྱག་ལཱ་གནང་ནུག།   དེ་ལས་ འདི་གི་ཤུལ་ལས   ཨེམ་ཇེ་མོར་གཱན་ཟེར་བའི་ལཱ་གཡོག་གི་ཡིག་ཚང་ནང་།

ལཱ་གཡོག་གཙོ་འཛིན་གྱི་ཕྱག་འགན་བཞེས་ཡོདཔ་མ་ཚད། ཁོ་རའི་གསོ་བའི་འཕྲོད་བསྟེན་གྱི་ཤེས་ཡོན་ལས་བརྟེན་ ཁོ་གིས་  མར་སི་སྨན་ཁང་ནང་ལུ་སྨན་གཡོགཔ་འཕྲུལ་རིག་ རྒྱབ་སྐྱོར་པའི་  ལཱ་འགན་ཡང་བཞེས་ཡོདཔ་དང་།     ད་ལྟོ་འབད་བ་ཅིན   རཱནསི་ཊག་ཡུ་ཨེསི་ཨེ་ཟེར་མི་ལཱ་གཡོག་ལས་སྡེ་སྦོམ་ཅིག་ཡོད་མི་ཡིག་ཚང་ནང་ ལཱ་གཡོག་མདོ་ཆེན་གོང་མའི་ཕྱག་འགན་བསྣམ་འདི་འདུག།

པདྨ་ཁོ་རང་ ཞབས་ཁྲ་བྲིས་ནི་དང་སྐད་འཐེན་ནི་ལུ་ཡང་མཁས་མཆོག་ཅིག་ཨིན་པའི་ཁར་ ཀི་དེབ་རྩོམ་ནི་ལུ་ཡང་མཁས་མཆོག་ཨིནམ་ལས་  ཁོ་རའི་མི་ཚེ་ཉམས་མྱོང་དང་གནས་སྟངས་ཀྱི་སྐོར་ལས ཀི་དེབ་ Reflections on My Humble Beginnings ཟེར་མི་ཅིག་ཡང་བྲིས་ཏེ་དཔེ་སྐྲུན་འབད་ཡོདཔ་ཨིནམ་པས།

པདྨ་འདི་ ནུབ་ཕྱོགས་ཨ་མི་རི་ཀ་ལུ་གཞི་བཙུགས་འབད་ཡོད་པའི་དཔལ་ལྡན་འབྲུག་པའི་ཆོས་ཚོགས་  གཞི་བཙུགས་འབད་མི་འཐུས་མི་ཅིག་ཨིནམ་དང་།  ཁོ་ར་དུས་རྒྱུན་དུ་  མི་སྡེའི་ཞབས་ཏོག་ནང་ལུ་སྤྲོ་བ་ཡོད་མི་ལས་བརྟེན་   ཁོ་གིས་ད་ལྟོ་ཟུར་ཐེབས་ཀྱི་ཕྱག་འགན་འབག་ཐོག་ལས་ གཞི་བཙུགས་ཀྱི་ བཀོད་ཚོགས་སྡེ་ཚན་ནང་ལུ་མི་སྡེའི་བརྒྱུད་འབྲེལ་གྱི་འཐུས་མི་འབད་  ལས་སྡེ་འདི་ནང་ལུ་ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞབས་ཏོག་ཚུ་  མ་བཏུབ་བཏུབ་སྦེ་ ཞུ་དོ་ཡོདཔ་ཨིན།

Pem Namgyal

ནང་འཁོད་ལས་དོན་འགོ་འདྲེན་པ།

༉ ཀྲོང་གསར་སྦྱིས་ལས་ཨིན་མི་ པདྨ་རྣམ་རྒྱལ་འདི་ དཔལ་ལྡན་འབྲུག་པའི་ཆོས་ཚོགས་ནང་ ལས་རིམ་ འགོ་འདྲེན་པ་དང་ ནང་འཁོད་ལས་དོན་མདོ་ཆེན་གྱི་ འགན་ཁུར་བསྣམས་ཏེ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ ལས་ཕྱག་ཞུ་ཡི་བསྒང་རང་ཡོདཔ་ཨིན།

དཀོན་རྡོར།

མི་སྡེ་ལམ་སྲོལ་དང་ཆོས་ཕྱོགས་འགོ་འདྲེན་པ།
༉ དཔལ་ལྡན་འབྲུག་པའི་ཆོས་ཚོགས་ཀྱི་ མི་སྡེ་ལམ་སྲོལ་དང་ཆོས་ཕྱོགས་དང་འབྲེལ་བའི་འགོ་འདྲེན་པ་ སྤུ་ན་ཁ་གཡུས་ས་ཁ་ལས་ཨིན་མི་ དཀོན་མཆོག་རྡོ་རྗེ་འདི་ སྐྱེས་ལོ་༡༣ ལས་ དགེ་སློང་ནང་འཛུལ་ ཞུགས་འབད་དེ་ ནང་ཆོས་ཀྱི་སློབ་སྦྱོང་མཐིལ་ཕྱིན་གནང་སྟེ་ རིག་གཞུང་སློབ་དཔོན་གྱི་ལག་ཁྱེར་ཡང་བཞེས་ ཡོདཔའི་ཁར་ ཨ་མེ་རི་ཀ་ལུ་འོང་སྟེ་ མི་ཚེ་རང་འགོ་རང་འདྲོང་གི་ཐོག་ལུ་ དཔལ་ལྡན་འབྲུག་པའི་ཆོས་ཚོགས་ ནང་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞབས་ཏོག་ཞུ་ཡི་བསྒང་རང་ཡོདཔ་ཨིན།

མཚོ་སྐྱིད་ལྷ་མོ།

མ་དངུལ་བསྡུ་བླངས་པ་དང་ལས་རིམ་འགོ་འདྲེན་པ།

༉ མཚོ་སྐྱེས་ལྷ་མོ་འདི་ དཔལ་ལྡན་འབྲུག་པའི་ཆོས་ཚོགས་ཀྱི་ལས་རིམ་འགོ་འདྲེན་པ་དང་ མ་དངུལ་བསྡུ་བླངས་པའི་འགན་ཁུར་འབག་མི་ཅིག་ཨིན། མོ་གིས་བལྟ་བཤལ་དང་ཟ་ཁང་འཛིན་སྐྱོང་གི་ གཙུག་ལག་འོག་མའི་ཤེས་ཚད་ལག་ཁྱེར་འདི་ སེལཛ་བྷག་ ཨོས་ཏྲིར་ཡ་དང་ རྒྱ་གར་པན་ཇབ་གཙུག་ལག་སློབ་གྲྭ་ཚུ་ལས་མཐར་འཁྱོལ་ཡོདཔ་དང་། ལཱ་གི་ཉམས་མྱོང་ཡང་ ཕྱི་གཟུགས་སྨན་བཅོས་ཀྱི་ཤེས་ཚད་ཡོད་པའི་ཁར་ རྒྱ་གར་དང་འབྲུག་རྒྱལ་ཁབ་ ནིའུ་ཡོག་ཚུ་ནང་ སྐར་མ་ལྔ་རྟགས་ཅན་གྱི་ཟ་ཁང་མང་རབས་ཅིག་ གཞི་བཙུགས་འབད་ནི་ལུ་ སྡེ་ཚན་ལས་རོགསཔ་སྦེ་ཕྱག་ཞུ་ནུག།

དེའི་སྐབས་སུ་ལས་རོགས་མཉམ་འབྲེལ་ ལཱ་གཡོག་སེམས་ཤུགས་ ཆེད་བརྩོན་ཡོད་པའི་ངོས་འབྱོར་ཐོབ་ཡོད། ད་རེས་དཔལ་ལྡན་འབྲུག་པའི་ཆོས་ཚོགས་ནང་འབད་རུང་ ལྷག་བསམ་དང་སེམས་ཤུགས་ཀྱི་ཐོག་ལས་ མི་སྡེ་དང་བསྟན་པའི་ཞབས་ཏོག་བསྒྲུབ་ནི་ཚུ་ ཅི་ལྕོགས་གང་ལྕོགས་འབད་ཕྱག་ཞུ་ཡི་བསྒང་རང་ཡོད།