ངོ་སྤྲོད།

༉ དཔལ་ལྡན་འབྲུག་པའི་ཆོས་ཚོགས་འདི་ མི་སེར་སྤྱི་དང་དམིགས་བསལ་ ཨ་མེ་རི་ཀ་ལུ་ཡོད་པའི་འབྲུག་མི་ཚུ་གི་དོན་ ལུ་ ནང་ཆོས་དང་འབྲེལ་བའི་ཁྱད་འཕགས་ཅན་གྱི་དཔལ་ལྡན་འབྲུག་པའི་ཆོས་དང་ལམ་སྲོལ་ རིག་གཞུང་དང་སྐད་ཡིག་ ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་མིན་ལས་ཚོགས་ཅིག་འབད་གཞི་བཙུགས་མཛད་ཡོད།

དམིགས་དོན།

༉ ཆོས་ཚོགས་འདི་གིས་ ནང་ཆོས་དང་འབྲེལ་བའི་གུས་བཀུར་དང་བསམ་ཤེས་ མི་སྡེ་མཐུན་ལམ་དང་འདུན་ལམ་བཟང་ པོ་ཚུ་སློབ་སྟོན་འབད་ནི་དང་། རང་ལུགས་འབྲུག་པའི་ཁྱད་ཆོས་མཐུན་མོང་མ་ཡིན་པ་ སྒྲིག་ལམ་ཆོས་གསུམ་ ནང་ཆོས་ ཀྱི་ངོ་སྤྲོད་དང་སྒོམ་ཉམས་ལེན་ ཆོ་ག་ཕྱག་ལེན་གྱི་རིམ་པ་ཚུ་ ཁྱབ་སྤེལ་འབད་ན་ིའདི་ཨིན།

འཆར་སྣང་།

༉ ཆོས་ལུགས་ནང་འཁོད་མཐུན་ལམ་དང་ མི་སྡེ་གཅིག་སྒྲིལ་གྱི་ཐོག་ལས་ རང་ལུགས་བདག་འཛིན་དང་ གཞན་ལུ་ ཕན་སེམས་བཞག་སྟེ་ ལམ་སྲོལ་དང་གོམས་གཤིས་ ཆོས་དང་རིག་གཞུང་ཚུ་ བརྗེ་སོར་དང་བསམ་ཞིབ་འབད་དེ་ འཛམ་གླིང་དང་རང་གི་མཐའ་འཁོར་ཞི་བདེའི་ངང་ལུ་བཞག་ནི་དེ་ཨིན།